གལ་ཆེ་མཆན།: གྲོས་མཐུན་འདི་སྤྱོད་པ་པོའི་མཉེན་ཆས་ཁྲིམས་མཐུན་ལག་འཁྱེར་གྱི་གྲོས་མཐུན་ཞིག་ཡིན་པ་དང་། (གཤམ་གསལ་དུ་ "གྲོས་མཐུན།" འདི་ཞེས་འབྲེལ་སྦྱོར་བྱས་ཡོད།) དེས་ཁྱེད་ (རང་སོ་སོའམ། ཁེ་ལས་མཉམ་འདུས་སམ། ཡང་ན། གཞན་གནས་ལུགས།) དང་། ཧུ་ཝཡེ་སྒྲིག་ཆས་ཁེ་ལས་མཉམ་འདུས། ཚད་གཞི་ཅན། དབར་ཡིན། (གཤམ་གསལ་དུ་ "ཧུ་ཝཡེ།" ཞེས་འབྲེལ་སྦྱོར་བྱས་ཡོད།) དེ་ཡང་མཉེན་ཆས་འདི་བེད་སྤྱོད་ཆེད་ཡིན། (གྲོས་མཐུན་འདིའི་དོན་ཚན་ ༡.༡ ལ་བལྟ།) ཁྱེད་ཀྱི་ཧུ་ཝཡེ་སྒྲིག་ཆས་བེད་སྤྱོད་མ་བྱས་གོང་ངམ། ཡང་ན། གྲོས་མཐུན་འདིའི་ནང་མིང་སྨྲོས་བྱས་པའི་མཉེན་ཆས་གསར་བརྗེ་དེ་ཕབ་ལེན་མ་བྱས་གོང་། གྲོས་མཐུན་འདི་གཟབ་ནན་ངང་ཀློག་རོགས་གནང་། ཁྱེད་ཀྱི་ཧུ་ཝཡེ་སྒྲིག་ཆས་བེད་སྤྱོད་བྱེད་པའམ། ཡང་ན། མཉེན་ཆས་འདིའི་གསར་བརྗེ་ཕབ་ལེན་བྱེད་པ་ཡིས། ཁྱེད་ཀྱིས་གྲོས་མཐུན་འདིའི་ནང་བཀག་སྡོམ་བྱས་ཡོད་པ་དེ་ལ་ཁས་ལེན་བྱས་པ་བརྩིས་པ་ཡིན། དེ་མིན་ཧུ་ཝཡེ་སྒྲིག་ཆས་གཅིག་ཀྱང་བེད་སྤྱོད་མ་བྱེད་པའམ། ཡང་ན། མཉེན་ཆས་འདིའི་གསར་བརྗེ་ཕབ་ལེན་མ་བྱེད་རོགས། གལ་ཏེ་ཁྱེད་ཀྱི་གྲོས་མཐུན་འདི་ཁས་ལེན་བྱེད་ཀྱི་མེད་ན། སྡེ་ཚན་ ༦ ནང་འགྲེལ་བརྗོད་ཟིན་པ་བཞིན་གཞི་གྲངས་བེད་སྤྱོད་ཆོག་པའི་ཆོག་མཆན་འཚུད་པའི་ཁྱེད་ཀྱི་ཧུ་ཝཡེ་སྒྲིག་ཆས་དེ་དབང་ལྡན་ཚོང་སྡེ་ལ་ཕྱིར་སློག་བྱ་ཆོག་པ་ཡིན། ཡང་ན། དབང་ཚད་ལྡན་པའི་ཚོང་འགྲེམས་ཀྱི་ཉོ་སྒྲུབ་བྱེད་སར་གལ་ཏེ་ཧུ་ཝཡེ་ཕྱིར་སློག་སྲིད་ཇུས་དང་འགལ་གྱི་མེད་ན། དངུལ་བབ་ཕྱིར་འཇལ་ཆེད་ཕྱིར་སློག་བྱ་ཆོག་པ་ཡིན། སྲིད་བྱུས་དེའི་རྒྱས་བཅད་ནི་འབྲེལ་ཡོད་རྒྱལ་ཁབ་དང་ས་གནས་ཀྱི་ཉོ་སྒྲུབ་བྱས་པའི་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ཡིན། གྲོས་མཐུན་འདི་ཡིས་དབང་སྒྱུར་བྱས་པའི་མཉེན་ཆས་དུ། སྡེ་ཚན་ ༡.༢ ནང་འགྲེལ་བརྗོད་བྱས་པ་བཞིན་དགག་ཆ་མེད་པའི་འབྱུང་ཁུངས་མཉེན་ཆས་གྲུབ་རྫས་མི་འཚུད་པ་ཡིན། ཁྱེད་ཀྱིས་ཧུ་ཝཡེ་དྲ་ཚིགས་ (consumer.huawei.com) སྟེང་བསྐྱོད་ནས་དུས་ནམ་ཡིན་ལ་གྲོས་མཐུན་འདིའི་འདྲ་བཤུས་ལྟ་སྤྱོད་ཆོག་པ་དང་། འབྱུང་འགྱུར་འབྲེལ་སྦྱོར་ཆེད་གྲོས་མཐུན་འདིའི་འདྲ་བཤུས་ཞིག་བདག་ཉར་བྱེད་ཆོག་པ་ཡིན།
༡. སྤྱིར་བཏང་ཁས་ལེན་ཡིག་ཆ།
༡.༡ གྲོས་མཐུན་འདིའི་འོག་གི་མཉེན་ཆས་འབྲེལ་སྦྱོར་དུ།: (༡) མཉེན་ཆས་གྲུབ་རྫས་དེ་ཁྱེད་ལ་ཧུ་ཝཡེ་སྒྲིག་ཆས་ལྷན་མཁོ་སྤྲོད་བྱས་པ་དག་འཚུད་པ་ཡིན། ཡིན་ནའང་གསང་ཨང་དང་། དེ་བཞིན་མཉེན་ཆས་འཐུམ་དང་། ཡིག་ཆ། བར་ཐུག ནང་དོན། གཟུགས་དང་གཞི་གྲངས་གཞན་ཅི་ཡང་གསོག་ཡོད་པ་དག་ལ་ཚད་གཞི་ངེས་ཅན་མེད། དེ་ནི་ཧུ་ཝཡེ་འམ་ཁྲིམས་མཐུན་ལག་འཛིན་སྤྲོད་མི་ལ་བདག་པའི་དཔེ་སྐྲུན་བདག་དབང་གི་སྲུང་སྐྱོབ་བྱས་པ་ཞིག་ཡིན། (༢) (༡) ནང་གསལ་བ་ལྟར་གསར་བརྗེ་བྱེད་པའམ་རིམ་པ་སྤོར། མཉེན་ཆེས་ཡིས་སྡེ་ཚན་ ༡.༢ ནང་ཡོད་པའི་དགག་ཆ་མེད་པའི་འབྱུང་ཁུངས་མཉེན་ཆས་གྲུབ་རྫས་དེ་ཟུར་འདོན་བྱས་ཡོད་འདུག
༡.༢ ཧུ་ཝཡེ་སྒྲིག་ཆས་འམ་དེའི་གསར་བརྗེ། ཡང་ན། གོ་རིམ་སྤར་བའི་ནང་མཉེན་ཆས་གྲུབ་རྫས་ཀྱང་འཚུད་པ་ཡིན། མཉེན་ཆས་གྲུབ་རྫས་དེ་ཚོགས་སྡེ་གསུམ་པ་ཡི་འཛིན་པས་དཔེ་སྐྲུན་བདག་དབང་གིས་སྲུང་སྐྱོབ་ཟིན་པ་དང་། ཁྲིམས་མཐུན་ལག་ཁྱེར་ཡོད་པའི་ཁོང་ཚོ་ཡིས་མཉེན་ཆས་གྲུབ་རྫས་འདི་དག་དགག་ཆ་མེད་པའི་འབྱུང་ཁུངས་མཉེན་ཆས་ཁྲིམས་མཐུན་ལག་ཁྱེར་འོག་བཏང་བ་ཡིན། ("དགག་ཆ་མེད་པའི་འབྱུང་ཁུངས་མཉེན་ཆས་གྲུབ་རྫས།"). དེ་ལྟ་བུའི་དགག་ཆ་མེད་པའི་འབྱུང་ཁུངས་མཉེན་ཆས་གྲུབ་རྫས་དག་སྒྲིག་ཆས་ནང་ཉིད་དུ་དམིགས་བསལ་ཁྲིམས་མཐུན་ལག་ཁྱེར་ཆ་འཕྲིན་མཁོ་སྤྲོད་བྱས་པའི་བརྒྱུད་ནས་དེ་ལྟར་ངོས་འཛིན་པ་ཡིན། དེ་མཚུངས་བྱེ་བྲག་སོ་སོའི་གྲུབ་རྫས་ཆེད་དགག་ཆ་མེད་པའི་འབྱུང་ཁུངས་མཉེན་ཆས་གྲུབ་རྫས་ཀྱི་བརྡ་སྟོན་བྱས་པ་ལས་ཡང་བྱུང་བ་ཡིན། དེ་འདྲ་སོང་ཙང་། ཁྱེད་ཉིད་འདི་དག་དགག་ཆ་མེད་པའི་འབྱུང་ཁུངས་མཉེན་ཆས་གྲུབ་རྫས་བེད་སྤྱོད་བྱེད་པའི་སྐབས། དེའི་རྒྱས་བཅད་དང་ཆ་རྐྱེན་སྐོར་ཞུ་འབུལ་བྱེད་དགོས། དགག་ཆ་མེད་པའི་འབྱུང་ཁུངས་མཉེན་ཆས་གྲུབ་རྫས་འོག་ཡོད་སྲིད་པའི་གྲོས་མཐུན་འདི་ཡིས། ཐོབ་ཐང་དང་དམ་བཅའ་ཅི་འདྲ་ཞིག་སྒྱུར་བཅོས་མ་བཏང་བ་ཡིན། གལ་ཏེ་གྲོས་མཐུན་འདི་ནང་གསལ་ཁྲིམས་མཐུན་ལག་ཁྱེར་གྱི་ཆ་རྐྱེན་དང་། དགག་ཆ་མེད་པའི་འབྱུང་ཁུངས་མཉེན་ཆས་ཁྲིམས་མཐུན་ལག་ཁྱེར་གྱི་ནང་དོན་ལྷན་གོ་བསྟུན་གྱིས། དགག་ཆ་མེད་པའི་འབྱུང་ཁུངས་མཉེན་ཆས་གྲུབ་རྫས་དབར་དཀའ་རྙོག་ཅི་འདྲ་བྱུང་བ་ཡིན་ན། དགག་ཆ་མེད་པའི་འབྱུང་ཁུངས་མཉེན་ཆས་ཁྲིམས་མཐུན་ལག་ཁྱེར་རྣམ་པར་རྒྱལ་བ་ཡིན།
༡.༣ གྲོས་མཐུན་འདི་འོག་གི་མཉེན་ཆས་དག་དེ་ཡིས་བཀག་རྒྱ་བྱས་པ་ཡིན། གང་ལྟར་དེས་ཀློག་ཁོ་ནའི་དྲན་ཤེས་ནང་གསོག་འཇོག་བྱེད་པའམ། བརྒྱུད་ལམ་གཞན་ཅི་འདྲ་འམ། ཡང་ན། ཧུ་ཝཡེ་ཡིས་དབང་ཚད་ཐོག་འཁོར་མཐུད་ཕབ་ལེན་ས་ཚིགས་ནས་ཡིན་ཆོག དེ་མིན་གཞན་དག་དེ་སྐབས་སུ་ཁས་ལེན་བྱ་རྒྱུ་ཡིན།
༢. ཕ་རོལ་སྤྱོད་པ་པོའི་མཉེན་ཆས་ཁྲིམས་མཐུན་ལག་འཁྱེར།
ཁྱེད་ལ་མཉེན་ཆས་འདི་ཧུ་ཝཡེ་སྒྲིག་ཆས་གཅིག་གམ་ཡང་ན་ཚད་གཞི་ཅན་གྱི་གློག་ཀླད་སྟེང་བེད་སྤྱོད་བྱེད་ཆོག་པའི་ཁྲིམས་མཐུན་ལག་ཁྱེར་ཡོད་པ་དང་། དམིགས་བསལ་མེད་པའི་ཆ་རྐྱེན་བཞིན་ཁྱེད་ཀྱི་གྲོས་མཐུན་འདིའི་རྒྱས་བཅད་དང་ཆ་རྐྱེན་ལ་བརྩི་སྲུང་བྱེད་དགོས་པ་ཡིན། (སྡེ་ཚན་ ༡༡ ནང་འགྲེལ་བརྗོད་བྱས་པ་བཞིན།) དེ་བཙོང་བ་དང་འཕོ་གྱུར་མི་ཐུབ། དེ་མཚུངས་ཚོང་འགྲེམས་དགོས་དོན་ཆེད་བེད་སྤྱོད་བྱེད་མི་ཆོག་པ་ཡིན།
༣. བེད་སྤྱོད་ཀྱི་ཚོད་འཛིན་ཁག
༣.༡ མཉེན་ཆས་སམ་བཟོ་བཀོད། གོང་སྤེལ། བཟོ་སྐྲུན། བཙོང་བའམ། དེ་མཚུངས་ཧུ་ཝཡེ་ཡི་སྔོན་ཚུད་ཆོག་མཆན་མེད་པར་ཧུ་ཝཡེ་སྒྲིག་ཆས་ལྷན་འབྲེལ་ཁོངས་ཡོད་པའི་ཚོགས་སྡེ་གསུམ་པའི་སྒྲིག་ཆས་ཀྱི་ཁྲིམས་མཐུན་ལག་འཁྱེར་གོང་འཕེལ་བྱེད་པར། ཁྱེད་ཀྱིས་ཧུ་ཝཡེ་འཕྲུལ་ལས་རིག་པའམ་ཧུ་ཝཡེ་ཤེས་སྟོབས་བདག་རྫས་བེད་སྤྱོད་བྱེད་མི་ཆོག་པ་ཡིན།
༣.༢ ཁྱེད་ཀྱི་གློག་ཀླད་མཁྲེགས་སྡེར་སྒུལ་ཆས་སྟེང་མཉེན་ཆས་འདྲ་བཤུས་ཞིག་བཟོ་བའམ། ཡང་ན། ཡིག་མཛོད་དགོས་དོན་གྱི་ཆེད་བརྒྱུད་ལམ་གཞན་གྱི་སྟེང་གསོག་ཆས་བྱས་སྲིད་པ་ཡིན། ཁྱེད་ཀྱིས་དྲ་རྒྱ་བརྒྱུད་ནས་མཉེན་ཆས་དག་འགོ་འགྲེམས་སམ་མཁོ་སྤྲོད་མི་བྱེད་སྲིད་པ་ཡིན། དེ་འདྲ་སོང་ཙང་དུས་གཅིག་ལ་སྒྲིག་ཆས་སམ་གློག་ཀླད་འདྲ་མིན་ལ་ཐོབ་རུང་ཡོད་པ་ཡིན།
༣.༣ ཧུ་ཝཡེ་ནས་ཡིག་བྲིས་ཐོག་ཆོག་མཆན་མེད་པར་ཁྱེད་ཀྱིས་ཚོགས་སྡེ་གསུམ་པ་ལ་མཉེན་ཆས་བཙོང་བའམ། གཡར་བ། བོགས་མར་གཏོང་བ། སྐྱེད་གཏོང་བ། ཡང་ན། མཉེན་ཆས་ཆ་ཤས་སམ་ཆ་ཚང་འགོ་འགྲེམས་བྱེད་མི་ཆོག་པ་ཡིན། གང་ལྟར་ཁྱེད་ཀྱིས་ཚོགས་སྡེ་གཞན་ལ་མཉེན་ཆས་ཀྱི་ཁྲིམས་མཐུན་ལག་ཁྱེར་ཆ་ཚང་ལྷན་ཁྱེད་ཀྱི་ཧུ་ཝཡེ་སྒྲིག་ཆས་ཀྱི་འཕོ་འགྱུར་བདག་དབང་ཐེངས་གཅིག་གཏན་འཇགས་ཀྱི་འཕོ་འགྱུར་བྱེད་སྲིད་པ་ཡིན། དེའི་ནང་མཁོ་སྤྲོད་བྱེད་པ་དག་ནི། (༡) འཕོ་འགྱུར་ནང་ངེས་པར་ཧུ་ཝཡེ་སྒྲིག་ཆས་དང་ཧུ་ཝཡེ་མཉེན་ཆས་དག་འཚུད་དགོས། (༢) ཁྱེད་ལ་མཉེན་ཆས་འདྲ་བཤུས་ཁྱོན་ཡོངས་སམ་ཆ་ཤས་ཙམ་ཡང་བདག་གི་མེད། (༣) ཧུ་ཝཡེ་སྒྲིག་ཆས་དང་མཉེན་ཆས་རག་པའི་ཚོགས་སྡེ་དེ་ཡིས་གྲོས་མཐུན་འདི་ཡི་རྒྱས་བཅད་དང་ཆ་རྐྱེན་ཆ་ཚང་ཀློག་པ་དང་ཁས་ལེན་བྱས་པ་ཡིན།
༣.༤ དེ་མ་གཏོགས་གཞན་ཆ་ཚང་ལ་ཆོག་མཆན་ཡོད་པ་ཡིན། ཁྱེད་ཀྱིས་མོས་མཐུན་བྱེད་སྲིད་ཀྱི་མ་རེད་ལ་བྱེད་མི་ཆོག་པ་ཡིན། ཡང་ན། མི་གཞན་ཞིག་ལ་འདྲ་བཤུས་བྱེད་དུ་བཅུག་པ། འཆར་འགོད་པ་བརྗེ་སྒྱུར་བྱེད་པ། གུང་མ་སྒྲིག་པ། ལྷུ་མ་སྒྲིག་པ། ཡང་ན། མཉེན་ཆས་ལས་དྲངས་པའི་ལས་ཀ་བཟོ་བསྐྲུན་བྱེད་དུ་བཅུག་མི་ཆོག
༣.༥ མཉེན་ཆས་དེ་གསོག་ཆས་དང་འདྲ་བཤུས་ཆེད་བེད་སྤྱོད་བྱེད་སྐབས། རྒྱལ་ཁབ་བམ་ས་ཁུལ་བྱེ་བྲག་ནང་ཁྱེད་ལ་འབྲེལ་ཡོད་འཛིན་མཁན་འོས་ངེས་ཞིག་གི་བཀའ་འཁྲོལ་ལྡན་དགོས་པ་ཡིན། ཧུ་ཝཡེ་མཉེན་ཆས་དེ་དངོས་པོ་བསྐྱར་བསྐྲུན་བྱེད་པར་བེད་སྤྱོད་བྱེད་སྲིད་པ་ཡིན། དེ་ལྟ་བུའི་དཔེ་སྐྲུན་བདག་དབང་མ་ཟིན་པའི་བསྐྱར་བསྐྲུན་དག་ཚད་གཞི་ཅན་ཡིན། དངོས་པོ་གང་ཞིག་གི་དཔེ་སྐྲུན་བདག་དབང་ངམ། བཀའ་འཁྲོལ་ལྡན་པ། ཡང་ན། ཁྲིམས་མཐུན་གྱི་ཆོག་མཆན་ཡོད་ན་དངོས་པོ་བསྐྱར་བསྐྲུན་ཆོག་པ་ཡིན།
༣.༦ ཁྱེད་ཉིད་རྒྱལ་ཁབ་བམ་ས་ཁུལ་གང་དུ་གནས་པ་དང་། མཉེན་ཆས་བེད་སྤྱོད་བྱེད་རྒྱུ་ཡང་དེའི་འོས་སྦྱོར་ཁྲིམས་དང་སྒྲིག་གཞི་ཁོ་ན་སྟབས་བསྟུན་གྱིས་མཉེན་ཆས་བེད་སྤྱོད་བྱེད་རྒྱུ་ཁས་ལེན་བྱས་འདུག
༤. བདག་དབང་གི་ཟུར་བཅད།
ཧུ་ཝཡེ་དང་དེའི་ཁྲིམས་མཐུན་ལག་ཁྱེར་སྤྲོད་མི་ཡིས་མཉེན་ཆས་དེ་ཡི་བདག་དབང་དང་མིང་གནས་ཆ་ཚང་རང་བདག་གམ་བདག་གིར་བྱེད་པ་ཡིན། དེ་མཚུངས་གྲོས་མཐུན་འདི་ཡིས་མཚོན་དོན་གསལ་པོ་ངང་ཆོག་མཆན་མ་སྤྲོད་པའི་བདག་དབང་གཞན་དག་ཟུར་འཇོག་ཟིན་པ་ཡིན།
༥. གསང་རྒྱ་སྲིད་ཇུས།
ཧུ་ཝཡེ་ཡི་གསང་རྒྱ་སྲིད་ཇུས་ ("གསང་རྒྱ་སྲིད་ཇུས།"དེ་) ཡིས་ཧུ་ཝཡེ་ཡིས་ཕྱོགས་བསྡུས་བྱེད་པའི་གཞི་གྲངས་དང་། ཧུ་ཝཡེ་ཡིས་གཞི་གྲངས་འདི་ཇི་ལྟར་བེད་སྤྱོད་བྱེད་ཀྱི་ཡོད་ཚུལ་སྐོར་གྱི་ཆ་འཕྲིན་མཁོ་སྤྲོད་བྱེད་པ་ཡིན། ཁྱེད་ཀྱི་སྒྲིག་ཆས་སྟེང་མཉེན་ཆས་བེད་སྤྱོད་བྱེད་སྐབས། གྲོས་མཐུན་འདི་དང་གསང་རྒྱ་སྲིད་ཇུས་འདིའི་མཁོ་སྤྲོད་དང་བསྟུན་ནས་ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒྲིག་ཆས་ནས་གཞི་གྲངས་བསྡུ་རུབ་བྱེད་པ་ཡིན། ཁྱེད་ཀྱིས་གསང་རྒྱ་སྲིད་ཇུས་སྐོར་གྱི་ཞིབ་ཕྲ་ http://consumer.huawei.com/privacy-policy སྟེང་འབྲེལ་སྦྱོར་བྱེད་ཆོག་པ་ཡིན།
༦. གཞི་གྲངས་བེད་སྤྱོད་བྱེད་ཆོག་པའི་བཀའ་ཁྲོལ།
༦.༡ ཧུ་ཝཡེ་དང་དེའི་འབྲེལ་ཁོངས་སམ་ཆོག་མཆན་ལག་འཛིན་སྤྲོད་མི་དག་གིས། ཁྱེད་ཀྱི་སྒྲིག་ཆས་ནས་ཁྱེད་ཀྱི་གཞི་གྲངས་ཕྱོགས་བསྡུས་དང་བེད་སྤྱོད་བྱེད་ཆོག་པ་ཁྱེད་ཀྱིས་ཁས་ལེན་བྱས་པ་ཡིན། (ཆེད་ལས་ཆ་འཕྲིན་འཚུད་པ་ཡིན། ཡིན་ནའང་དེ་ཁོ་ནའི་གཏོགས་པ་མིན།) དེ་ལྟ་བུའི་ཕྱོགས་བསྡུས་དང་བེད་སྤྱོད་དག་ནི་ཁྱེད་ཀྱི་མཉེན་ཆས་དང་ངམ། ཁྱེད་ཀྱི་བེད་སྤྱོད་འཚམས་འདྲི་འམ། ཡང་ན། ཁྱད་ཆོས་དག་མུ་མཐུད་ནས་བེད་སྤྱོད་ཡོད་པ་དང་མཉེན་ཆས་ཀྱི་བྱེད་ལས་ལྷན་བེད་སྤྱོད་སྦྲེལ་མཐུད་ཡོད་པ་ཡིན། ཁྱེད་ལ་མཉེན་ཆས་གསར་སྒྱུར་རམ་རིམ་སྤོར། དངོས་རྫས་རམ་འདེགས་དང་གཞན་འབྲེལ་ཡོད་དངོས་རྫས་ཞབས་ཞུ་ཁག་མཁོ་སྤྲོད་བྱེད་པར། ཧུ་ཝཡེ་ནུས་ལྡན་བཟོ་དགོས་པ་ཡིན། ཧུ་ཝཡེ་དང་དེའི་འབྲེལ་ཁོངས་སམ་ཆོག་མཆན་ལག་འཛིན་སྤྲོད་མི་ཡིས། ཁྱེད་ཀྱི་སྒྲིག་ཆས་ལས་རྒྱུད་ཁོངས་དང་ཉེར་སྤྱོད་གཞི་གྲངས་བསྡུ་རུབ་བྱེད་རྒྱུ་ཡིན་པ་ཁྱེད་ཀྱིས་ཁས་ལེན་ཟིན་པ་ཡིན། དེའི་ནང་སྒྲིག་ཆས་མིང་། རྒྱུད་ཁོངས་དང་ཉེར་སྤྱོད་རིམ་པ། ས་ཁོངས་དང་སྐད་ཡིག་སྒྲིག་བཀོད། སྒྲིག་ཆས་རིམ་པ་ཆ་འཕྲིན། སྒྲིག་ཆས་ངོས་འཛིན་གཞི་གྲངས། (IMEI, ESN, MEID, AND SN)
༦.༢ ཁྱེད་ཀྱིས་ཧུ་ཝཡེ་ EMUI སྤྱོད་པ་པོ་ཉམས་མྱོང་ལས་རིམ་ནང་མཉམ་ཞུགས་བྱས་པ་ཡིས། ཁྱེད་ཀྱིས་ཧུ་ཝཡེ་ཡི་དངོས་རྫས་དང་ཞབས་ཞུ་དག་ཡར་རྒྱས་གཏོང་བ་རོགས་པ་བྱེད་པ་འདེམས་པ་ཡིན། དཔྱད་ཞིབ་ཆེད་ཧུ་ཝཡེ་དང་དེའི་འབྲེལ་ཁོངས་སམ་ཆོག་མཆན་ལག་འཛིན་སྤྲོད་མི་དག་གིས། ཁྱེད་ཀྱི་སྒྲིག་ཆས་ནས་གཞི་གྲངས་བསྡུ་རུབ་བྱེད་སྲིད་པ་ཡིན། བསྡུ་རུབ་ཟིན་པའི་གཞི་གྲངས་ནང་ཁྱེད་ཀྱི་སྡེབ་སྒྲིག་ཡིག་ཆ། ཉེར་སྤྱོད་རྣམ་གྲངས་རིག་པའི་གཞི་གྲངས་དང་ཐོ་འགོད་གཞི་གྲངས་ནོར་འཁྲུལ་དག་འཚུད་པ་ཡིན། གཞི་གྲངས་ཆ་ཚང་བསྡུ་རུབ་དང་ལས་སྣོན་མ་བྱེད་གོང་མིང་ཁ་གསལ་མེད་པ་བཟོས་པ་ཡིན།
༦.༣ ཁྱེད་ཀྱི་སྒྲིག་ཆས་ནས་བསྡུ་རུབ་བྱས་པའི་གཞི་གྲངས་ཆ་ཚང་ཧུ་ཝཡེ་དང་། ཕྱི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་པའི་དེའི་འབྲེལ་ཁོངས་སམ་ཆོག་མཆན་ལག་འཁྱེར་སྤྲོད་མི་སྟེང་ལས་སྣོན་བྱེད་པའམ་འཕོ་འགྱུར་བྱེད་པ་ཡིན། འདིའི་དོན་ནི་ཁྱེད་ཀྱིས་ཧུ་ཝཡེ་ཡི་དངོས་རྫས་སམ་ཞབས་ཞུ་དག་བེད་སྤྱོད་བྱས་པ་དེ་རྒྱལ་ཁབ་ཕྱི་རོལ་དུ་ཡོད་པའི་ཁྲིམས་ལུགས་དབང་ཚད་གཞན་གྱིས་གཞི་གྲངས་འཕོ་འགྱུར་བྱེད་པའམ་ལྟ་སྤྱོད་བྱེད་པ་ཡིན། ཁྲིམས་ལུགས་དབང་ཚད་འདི་དག་ལ་གཞི་གྲངས་སྲུང་སྐྱོབ་ཁྲིམས་མི་འདྲ་བ་ཡོད་སྲིད་པ་ཡིན། ཡང་ན། དེ་ལྟ་བུའི་གནས་སྐབས་ནང་། སྦྱོར་འོས་རུང་བའི་ཁྲིམས་དང་སྒྲིག་སྲོལ་དགོས་ངེས་བཞིན། ཧུ་ཝཡེ་ཡིས་སྲུང་སྐྱོབ་ཀྱི་རིམ་པ་འདྲ་མཚུངས་ཞིག་དང་རན་མཚམས་ཞིག་གཞི་གྲངས་ལ་སྒྲུབ་པ་ཡིན།
༦.༤ སོར་གནས་དུས་ཡུན་རིང་བ་ཞིག་དགོས་པའམ། ཁྲིམས་ཀྱིས་ཆོག་མཆན་སྤྲོད་ན་མ་གཏོགས། གྲོས་མཐུན་འདི་ནང་འཆར་ཟིན་འགོད་པའི་དགོས་དོན་སྒྲུབ་ཕྱིར་དང་གསང་རྒྱ་སྲིད་ཇུས་དེ་དུས་ཚོད་ངེས་ཅན་ཞིག་གི་ཆེད་ཧུ་ཝཡེ་ཡིས་ཁྱེད་ཀྱི་གཞི་གྲངས་ཁོ་ན་སོར་གནས་བྱེད་པ་ཡིན། བཀའ་ཁྲོལ་མེད་པའི་ལྟ་སྤྱོད་དམ། ཁྱེད་ཀྱི་གཞི་གྲངས་གསང་སྒྲོག་ཟློག་ཐབས་བྱེད་པར། ཧུ་ཝཡེ་ཡིས་འོས་མཚམས་ལྡན་པའི་ཆེད་ལས་དང་སྒྲིག་འཛུགས་གོ་རིམ་ལེན་པའི་རིང་། བདེ་འཇགས་ཐབས་ལམ་ཆ་ཚང་སྐྱོན་དང་ནོར་འཁྲུལ་མེད་པ་ཡོང་མི་སྲིད་པའི་ཐུགས་སྣང་ཞུ།
༦.༥ ཆོག་མཆན་འདིའི་གསལ་བསྒྲགས་ནི་དེ་མ་ཐག་གི་རྗེས་འབྲས་ལྷན་དུས་ངེས་མེད་ལ་ཕྱིར་འཐེན་བྱེད་སྲིད་པ་ཡིན། ཕྱིར་འཐེན་བྱུང་བ་ཡིན་ན། སྡེ་ཚན་ ༧ པའི་ནང་མེད་དུ་མི་རུང་བའི་ཆ་རྐྱེན་འདོན་པ་མཁོ་སྤྲོད་བྱེད་པའི་མཇུག་བསྡུ་དབང་སྒྱུར་བྱེད་པའི་གྲོས་མཐུན་འདི་ལག་བསྟར་བྱེད་པ་ཡིན།
༧. མཇུག་བསྡུ་དང་འགྲོ་བཞིན་པའི་ནུས་པ།
༧.༡ གྲོས་མཐུན་འདི་ཁྱེད་ཀྱི་མཉེན་ཆས་འདི་ཐོག་མ་སྒྲིག་འཇུག་བྱེད་པའི་ཉིན་དེ་ནས་ནུས་ལྡན་ཆགས་པ་ཡིན། ཁྱེད་ཀྱིས་གྲོས་མཐུན་འདི་དུས་ངེས་མེད་ལ་གཏན་འཇགས་ཀྱི་བསུབ་འདོར་བྱེད་པ་དང་། བཤིག་པ་དང་། རང་གི་འགྲོ་གྲོན་བཏང་ནས་མཉེན་ཆས་དང་དེའི་གྲབ་ཉར་གྱི་འདྲ་བཤུས་དང་འབྲེལ་ཡོད་ཧུ་ཝཡེ་ཡི་མཁོ་སྤྲོད་བྱེད་པའི་དངོས་པོ་མཐའ་དག་ཕྱིར་སློག་བྱེད་པ་ཡིན་ན། གྲོས་མཐུན་འདི་མཇུག་བསྡུ་ཐུབ་པ་ཡིན། གལ་ཏེ་ཁྱེད་ཀྱི་གྲོས་མཐུན་འདིའི་ཁས་ལེན་ཡིག་ཆ་དང་ཆ་རྐྱེན་ཅི་འདྲ་ལ་བསྟུན་སྤྱོད་མི་ཐུབ་ན། ཧུ་ཝཡེ་འམ་དེའི་ཁྲིམས་མཐུན་ལག་འཛིན་སྤྲོད་མི་ཡིས་དུས་ངེས་མེད་ལ་བརྡ་ཐོ་མེད་པར་གྲོས་མཐུན་འདི་མཇུག་བསྡུ་བྱེད་པ་ཡིན། དེ་མཇུག་བསྡུ་བྱས་ཟིན་པའི་རྗེས་སུ། ཁྱེད་ཀྱི་མཉེན་ཆས་འདི་བེད་སྤྱོད་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། མཉེན་ཆས་དང་དེ་འབྲེལ་དངོས་པོ་ཅི་འདྲ་ཞིག་འདྲ་བཤུས་ཟིན་པའམ། ཡང་ན། ཧུ་ཝཡེ་སྒྲིག་ཆས་སམ་གློག་ཀླད་སྟེང་སྒྲིག་འཇུག་བྱས་ཡོད་པ་དག་ལམ་སེང་བསུབ་འདོར་བྱ་དགོས།
༧.༢ གྲོས་མཐུན་འདི་མཇུག་བསྡུ་ཟིན་པའི་རྗེས་སུ་སྡེ་ཚན་ ༦, ༨, ༩, ༡༠, ༡༡, ༡༣ དང་ ༡༤ དག་ནུས་ལྡན་དུ་གནས་པ་ཡིན།
༨. འགན་ལེན་གན་རྒྱའི་གསལ་ཡིག
༨.༡ ཁྱེད་ཀྱི་ངོས་ལེན་པ་བཞིན་མཉེན་ཆས་དེ་ "འདི་བཞིན།" རིགས་དང་མཚོན་དོན་ནམ་ཤུགས་བསྟན་ཅི་ཡང་མེད་པར་མཁོ་སྤྲོད་བྱེད་པ་དང་། ཁྲིམས་མཐུན་གྱི་ཁྱབ་ཚད་ཆེ་ཤོས་དེ་ཆོག་མཆན་སྤྲད་ཡོད་པ་ལས། ཧུ་ཝཡེ་དང་དེའི་ཆ་སུ་གྱུར་པ་དག་གམ་ཁྲིམས་མཐུན་ལག་ཁྱེར་སྤྲོད་མི་དང་། དཔེ་སྐྲུན་བདག་དབང་འཛིན་མཁན་གྱི་ངོ་ཚབ། འགན་ཁག མཚོན་དོན་ནམ་ཤུགས་བསྟན་བཟོས་མེད། ཡིན་ནའང་ཚོང་རྒྱག་ཐུབ་མཁན་དང་སྤུས་ཀ་འདོད་བློ་ཁེངས་ཐུབ་པ། དགོས་དོན་བྱེད་བྲག་ཞིག་གི་སླད་བདེ་ཐང་གནས་པ། ཞིབ་ཚགས་གནས་པ་དང་ཁྲིམས་སྲོལ་བརྡལ་བཤིག་མེད་པའི་ཚོགས་སྡེ་གསུམ་པའི་ཐོབ་ཐང་ལ་ཚད་གཞི་བཟོས་མེད། མཉེན་ཆས་ནང་བྱེད་ལས་འདྲེན་པ་དག་གིས་ཁྱེད་ཀྱི་དགོས་མཁོ་དག་གམ། མཉེན་ཆས་ཀྱི་བཀོལ་སྤྱོད་དེ་བར་ཆད་མེད་པའམ། ཡང་ན། སྐྱོན་མེད་ཡིན་ཅེས་པའི་ཧུ་ཝཡེ་འམ་ཚོགས་པ་གཞན་གྱི་བཀག་རྒྱ་མིན་འདུག ཁྱེད་ཀྱི་དམིགས་པའི་གྲུབ་འབྲས་སོན་པ་དང་སྒྲིག་འཇུག་ཆེད། མཉེན་ཆས་འདེམས་པའི་འགན་དང་ཉེན་ཁ་ཆ་ཚང་ཐོག་མ་ནས་ཚོད་འཛིན་གནང་བའི་ཐོག དེས་བེད་སྤྱོད་བྱེད་པ་དང་དེ་ནས་གྲུབ་འབྲས་བླངས།
༨.༢ མཉེན་ཆས་འདི་སྒྲིག་འཇུག་བྱེད་པ་ཡིས། ཐོབ་རུང་ཡོད་པའི་མཉེན་ཆས་ཚོགས་སྡེ་གསུམ་པ་དང་། ཉེར་སྤྱོད་ལས་རིམ་མམ་ཞབས་ཞུ་དག་ལ་ནུས་པ་སྤྲད་སྲིད་པ་ཡིན། ཧུ་ཝཡེ་ནས་མཉེན་ཆས་འདི་ལ་རྒྱུན་མི་ཆད་ཅིང་། གཏན་འཇགས་ཀྱི་ཞབས་ཞུའམ་མཉེན་ཆས་འདི་ཉིད་རིམ་པ་གསུམ་པའི་མཉེན་ཆས་དང་། ཞབས་ཞུ་རིགས་ལ་ལས་འགན་ནམ་ཞབས་ཞུ་གྲུབ་པའི་འགན་ཁག་མེད།
༨.༣ དེ་མ་ཟད་ཁྱེད་ནས་ཧུ་ཝཡེ་མཉེན་ཆས་དང་ཞུབས་ཞུ་རིགས་ཀྱི་གནས་བབས་དང་། ཁོར་ཡུག་ཏེ་གང་ན་ནུས་པ་ཉམས་པའམ་དུས་འགོར་བྱུང་བ། དེ་བཞིན་ཧུ་ཝཡེ་མཉེན་ཆས་སམ་ཞབས་ཞུ་རིགས་ཀྱི་ནང་དོན་ནམ་གཞི་གྲངས། གནས་ཚུལ་རིགས་ལ་སྐྱོན་དང་ཏག་ཏག་མི་གནས་པས་འཆི་སྐྱོན་ནམ། སྒེར་ལ་རྨས་སྐྱོན། ལུས་པོར་ཉེན་ཚབ་བམ་ཁོར་ཡུག་ལ་གཏོར་སྐྱོན། དེ་ཁོངས་ཉིང་རྡུལ་གྱི་མཐུན་རྐྱེན་ནམ། གནམ་གྲུ་ཁ་ལོ་སྒྱུར་བའམ་འབྲེལ་མཐུད་མ་ལག། གནམ་ཐོག་འགྲིམ་འགྲུལ་སྟངས་འཛིན། འཚོ་གནས་ལ་རོགས་རམ་མམ་མཚོན་ཆའི་མ་ལག་ལ་སོགས་པའི་ལས་འགུལ་རིགས་ལ། བེད་སྤྱོད་བྱེད་པར་འདུན་པའམ་རན་པོ་མེད་པར་ངོས་ལེན་བྱེད་པ་ཡིན།
༩. འགན་འཁྲིའི་ཚད་འཛིན།
༩.༡ ཧུ་ཝཡེ་བཀོལ་ཉེས་གཏོང་བའམ་ཚུལ་བཞིན་མི་སྤྱོད་པ། དབང་ཚད་མེད་པའི་བསྒྱུར་བཅོས་ཀྱིས་མཉེན་ཆས་བེད་སྤྱོད་ལ་དཀའ་ངལ་འཕྲད་པར་འགན་ལེན་བྱེད་ཀྱི་མ་རེད།
༩.༢ འབྲེལ་ཡོད་ཁྲིམས་ཀྱི་བཀག་སྡོམ་མེད་པའི་མཚམས་བར། གནས་སྟངས་གང་ཡང་འོག་ཧུ་ཝཡེ་དང་། དེའི་ལས་བྱེད། ཆོག་མཆན་ལག་འཛིན་སྤྲོད་མི། དེ་བཞིན་འབྲེལ་ཡོད་རིགས་ལ། ཁེ་སང་ཤོར་བའམ། གཞུང་གི་ཁྲལ་འབབ། ཚོང་འབབ། ཚབ་བྱེད་པའི་ཅ་ལག་དང་ཞབས་ཞུ་འཚོལ་སྒྲུབ་བྱེད་པའི་རིན་གོང་ངམ་གཞི་གྲངས། བདག་རྫས་སྐྱོན་ཤོར་བ། སྒེར་ལ་རྨས་སྐྱོན། ཚོང་ལ་དོ་ཕོག ཚོང་འབྲེལ་གནས་ཚུལ་ཤོར་བའམ། དམིགས་བསལ་ལམ་ཐད་ཀར། ཐད་ཀར་མིན་པ། རང་འགར་འཕྲད་པ། ཚོང་འབྲེལ། ཁེབས་རྒྱག་པ། ཉེས་ཆད་འཕོག་ངེས། དམིགས་བསལ་ལམ་རྗེས་དཔག་སྐྱོན་ཆག་རིགས་ལ་འགན་འཁྲི་ཡོད་པའི་གནད་སྐབས་མེད། གང་ལྟར་ཡང་གན་རྒྱའམ་བྱས་ཉེས། སྣང་མེད། དེ་བཞིན་འགན་འཁྲིའི་ཆོ་ག་གཞན་ཏེ་མཉེན་ཆས་བེད་སྤྱོད་བྱེད་སྟངས་དང་བེད་སྤྱོད་མི་ཐུབ་པའི་རྐྱེན་དབང་གིས་འཕྲད་པ་སྟེ། ཧུ་ཝཡེ་དང་དེའི་ཆོག་མཆན་ལག་འཛིན་སྤྲོད་མི། འབྲེལ་ཡོད་རིགས་ཀྱི་སྐྱོན་ཆ་དེ་རིགས་འབྱུང་སྲིད་པ་ལམ་སྟོན་བྱེད་ཀྱང་འགན་འཁྲི་མེད། ཁྲིམས་ལུགས་དབང་ཚད་ཁ་ཤས་ཀྱིས་སྒེར་ལ་རྨས་སྐྱོན་བྱུང་བའམ། རང་འགར་འཕྲད་པ། རྗེས་དཔག་སྐྱོན་ཆག་རིགས་ལ་ཚད་འཛིན་གྱི་འགན་འཁྲི་ཡི་ཆོག་མཆན་མི་སྤྲོད་པས་ཁྱེད་ལའང་དེ་ལྟར་ཚད་འཛིན་བྱེད་མི་ཐུབ།
༩.༣ གནོད་སྐྱོན་གང་ཡང་ཡིན་རུང་ཧུ་ཝཡེ་ཁྱེད་ལ་འགན་འཁྲི་དེ་ཁྱེད་ཀྱི་ཧུ་ཨ་ཝི་ཡི་སྒྲིག་ཆས་དེའི་ཆེད་སྤྲོད་པའི་རིན་པ་ལས་མཐོ་བའི་ཡོང་བའི་གནས་སྟངས་མེད། (འབྲེལ་ཡོད་ཁྲིམས་ཀྱི་འོག་ནས་ཧུ་ཨ་ཝི་ཡི་སྣང་མེད་འོག་ནས་ཤི་བའམ་སྒེར་ལ་རྨས་སྐྱོན་རིགས་བྱུང་བ་མ་གཏོགས)
༡༠. ཆེད་ལས་རམ་འདེགས།
གྲོས་མཐུན་འདིའི་འོག་ཧུཝཡེ་ནས་མཉེན་ཆས་ཀྱི་ཆེད་ཁྱེད་ལ་ཆེད་ལས་རམ་འདེགས་ཞབས་ཞུ་འབུལ་རྒྱུའི་འགན་འཁྲི་མེད།
༡༡. ཕྱིར་འདྲེན་ཚོད་འཛིན་ཁག
ཧུ་ཝཡེ་རྙེད་སོན་བྱས་པའི་འོས་སྦྱོར་ཁྲིམས་དང་ཁྲིམས་ལུགས་དབང་ཚད་ལྡན་པའི་ཁྲིམས་ལུགས་ཀྱིས་བཀའ་འཁྲོལ་ཡོད་ན་མ་གཏོགས། ཁྱེད་ཀྱིས་ཧུ་ཝཡེ་མཉེན་ཆས་དེ་བེད་སྤྱོད་བྱེད་པའམ། ཡང་ན། ཕྱིར་འདྲེན་བྱེད་པ་འམ་ཡང་བསྐྱར་ཕྱིར་འདྲེན་བྱེད་མི་ཆོག་པ་ཡིན།
༡༢. ཡིག་འབྲེལ།
གསལ་བསྒྲགས་དང་འབྲེལ་མཐུད་མཐའ་དག་ཡིག་ཐོག་ངང་དགོས་ལ་འདི་དག་ཐོ་འགོད་སྦྲག་ཡིག་གམ་བྱུང་འཛིན་ཡོད་པའི་ལམ་ནས་གཏོང་དགོས།
༡༣. རྩོད་རྙོག་ཞི་འགྲིག་དང་དབང་སྒྱུར་བའི་ཁྲིམས་ཡིག
༡༡.༡ གྲོས་མཐུན་འདི་དབང་སྒྱུར་བྱེད་ཚུལ་དང་གོ་དོན་བཀྲལ་སྟངས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཡིག་ལྟར་ཡིན།
༡༡.༢ གྲོས་མཐུན་འདི་དང་འབྲེལ་བའམ་འདི་ནས་བྱུང་བའི་རྩོད་རྙོག་མཐའ་དག་ཐོག་མར་ཤོག་ཁ་གཉིས་དབར་འཆམ་མཐུན་གྱིས་འགྲིག་འཇགས་ཐོག་ནས་བྱ་དགོས། དེ་མིན་ཁོང་ཚོས་བར་དཔང་ཆེད་ཐོ་འགོད་བྱས་པའི་དུས་ཚོད་སྟེང་ལྷན་ཚོགས་ཀྱི་ཁྲིམས་ཡིག་དང་མཐུན་པའི་ལག་བསྟར་དགོས་པས། དེའི་ཕྱིར་ཤེན་ཛེན་བར་དཔང་ལྷན་ཚོགས་ལ་བར་དཔང་ཆེད་འབུལ་དགོས། བར་དཔང་གི་ཐག་གཅོད་ཚང་མ་མཐའ་སྡོམ་དང་། འདིས་ཤོག་ཁ་གཉིས་ཀའི་ཐད་ལ་མཐུད་པ་ཡིན།།.
༡༤. གྲོས་མཐུན་ཆ་ཚང་།
གྲོས་མཐུན་འདི་དང་འདིའི་ཟུར་སྣོན་གྱིས་ཁྱེད་དང་ཧུ་ཝཡེ་དབར་གྱི་གྲོས་མཐུན་ཆ་ཚང་གཏོགས་པ་དང་། ཁྱེད་ཀྱི་མཉེན་ཆས་བེད་སྤྱོད་བྱེད་སྟངས་ལ་སྟངས་འཛིན་བྱེད་པ་སྟེ། དེ་བཞིན་ཁྱེད་དང་ཧུ་ཝཡེ་དབར་ལ་མཉེན་ཆས་བེད་སྤྱོད་བྱེད་སྟངས་དང་སྔོན་ཚུད་ཀྱི་གྲོས་མཐུན་མཐའ་དག་འབུད་པ་ཡིན། ཁྱེད་ནས་ཐོན་ཁུངས་ཁ་འབྱེད་པའི་མཉེན་ཆས་དང་། ཚོགས་སྡེ་གསུམ་པའི་ནང་དོན། དེ་བཞིན་ཧུ་ཝཡེ་ཡི་ཞབས་ཞུ་གཞན་ཁག་བེད་སྤྱོད་བྱེད་པའམ་ཉོ་བའི་སྐབས་ཁྱེད་ནས་ཆ་རྐྱེན་དང་གནས་སྟངས་འཕར་མ་ལ་ལྟོས་དགོས་པ་ཡོང་སྲིད།
ཐ་མའི་གསར་སྒྱུར་ཟིན་དུས། ༢༠༡༦ ཕྱི་ཟླ་ ༣
དཔེ་སྐྲུན་བདག་དབང་། © ཧུ་ཝཡེ་སྒྲིག་ཆས་ཁེ་ལས་མཉམ་འདུས་ཚད་གཞི་ཅན། ༢༠༡༦ བདག་དབང་ཆ་ཚང་ཟུར་བཅད་ཟིན།